top of page

ང་བཅས་ཀྱིས་ ཁྱོད་ཀྱི་དགོས་མཁོ་ཚུ་ གྲུབ་ཐབས་ལུ་ ཆུ་གཡུར་དང་ གློག་མེ་གི་ཞབས་ཏོག་ཚུ་ འཕུལཝ་ཨིན།

ང་བཅས་ཀྱིས་ ཁྱོད་ཀྱི་དགོས་མཁོ་ཚུ་ གྲུབ་ཐབས་ལུ་ ཆུ་གཡུར་དང་ གློག་མེ་གི་ཞབས་ཏོག་ཚུ་ འཕུལཝ་ཨིན།

WhatsApp_Image_2025-02-13_at_17.47.06-removebg-preview.png

ཚོང་དོན།

ང་བཅས་ཀྱིས་ ཡིག་ཚང་དང་ ཚོང་ཁང་ དེ་ལས་ བཟོ་གྲྭའི་མཐུན་རྐྱེན་ཚུ་གི་དོན་ལུ་ གློག་མེ་གི་གློག་ཐག་ཚུ་ བཙུགས་ནི་དང་ ལམ་ལུགས་ཡར་དྲག་གཏང་ནི་ དེ་ལས་ ཆུ་དང་ཆུ་གཡུར་གྱི་ ལམ་ལུགས་མགུ་རྙོག་དྲགས་ཚུ་གི་དོན་ལུ་ ཆུ་གཡུར་ཚུ་རྩིས་ཏེ་ ཁྱད་རིག་ཅན་གྱི་ཞབས་ཏོག་ཚུ་ བྱིནམ་ཨིན།

སྡོད་ཁང།

ཁྱིམ་གསརཔ་གི་གཞི་རྟེན་དགོས་མཁོ་དང་ ཉམས་བཅོས་དང་ ཉམས་གསོ་འབད་ནི་ཚུན་ཚོད་ ང་བཅས་ཀྱི་མཁས་མཆོག་ཚུ་གིས་ གློག་མེ་གི་མཐུན་རྐྱེན་དང་ འོད་ཀྱི་མཐུན་རྐྱེན་ དེ་ལས་ ཉེན་སྲུང་གི་ལམ་ལུགས་ཚུ་ལས་ ཆུ་གཡུར་གྱི་མཐུན་རྐྱེན་དང་ ཆུ་དྲོད་བཏགས་འཕྲུལ་ཆས་ དེ་ལས་ ཆུ་གཡུར་གྱི་ལཱ་ཚུ་ག་ར་ འཛིན་སྐྱོང་འཐབ་ཨིན།

ཉམས་བཅོས་དང་རྒྱུན་སྐྱོང་ཞབས་ཏོག།

ང་བཅས་ཀྱིས་ ཁྱོད་ཀྱི་དགོས་མཁོ་ཚུ་གི་དོན་ལུ་ ཉམས་བཅོས་དང་ རྒྱུན་སྐྱོང་ཞབས་ཏོག་ཚུ་ ཉིན་བསྟར་བཞིན་དུ་ བྱིནམ་ཨིན།

  • གློག་ཤུགས་སྐྱོན་བརྟག་དཔྱད་དང་ཉམས་བཅོས་འབད་ནི།

  • རྙིངམ་ཐལ་མི་ གློག་མེའི་རིམ་ལུགས་ཚུ་ ཡར་དྲག་གཏང་ནི།

  • གློག་ཆས་ཀྱི་དོན་ལུ་ སྔོན་འགོག་བདག་གཉེར་འབད་ནི།

དམིགས་བསལ་ཞབས་ཞུ།

ང་བཅས་ཀྱི་དམིགས་བསལ་ཞབས་ཏོག་གི་ཁྱབ་ཚད།

  • བསྐྱར་གསོ་འབད་བཏུབ་པའི་ནུས་ཤུགས་ལམ་ལུགས་ཚུ་བཙུགས་ནི།

  • CCTV དང་ལྟ་ཞིབ་འཕྲུལ༌ཆས༌་བཙུགས་ནི།

  • ཡོངས་འབྲེལ་གློག་སྐུད་དང་གནས་སྡུད་གློག་སྐུད་ཀྱི་ལཱ།

  • EV (གློག་ཤུགས་རླངས་འཁོར) གློག་ཁུངས་བཙུགས་ནི།​

མཁས་རིག་ལག་རྩལ་མཐུན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ།

 

མི་སྡེའི་ཁྱད་རིག་གི་ཞབས་ཏོག་དང་མཐུད་འབྲེལ་གྱི་དོན་ལུ་ མཁས་རིག་ལག་རྩལ་མཐུན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་འདི་ནང་འབྱོན་པ་ལེགས་སོ་ཡོད། ཁྱོད་ར་ལག་རྩལ་ཅན་གྱི་ལས་མི་ ཆུ་དུང་བཅོ་མི་དང་ཡང་ན་ གློག་མེ་བཅོ་མི་ དེ་ལས་ཁྱོད་རའི་ལག་རྩལ་དང་མཁས་རིག་དཔེ་སྟོད་འབད་ནི་ གཞན་ཡང་ ཆུ་དུང་བཅོ་མི་དང གློག་མེ་བཅོ་མིའི་ ལཱ་གཡོག་དང་ཚོང་མགྲོན་པ་འཚོལ་མི་ཨིན་པ་ཅིན་ ཡོངས་འབྲེལ་འཆར་སྒོའི་ས་སྒོ་འདི་ཨིནམ་ད་ མཁས་རིག་ལག་རྩལ་མཐུན་འདི་ མཐུན་ཚོགས་གསརཔ་ཨིནམ་ལས་ མཉམ་ལས་ཚོགས་སྡེ་དང་ལས་འཛིན་ལུ་རྒྱ་སྐྱེད་འབད་ནིའི་འཆར་གཞི་ཡོདཔ་ད་ དེ་གིས་ འབྲུག་པའི་ལག་རྩལ་ཅན་གྱི་ལས་མི་དེ་ཚུ་གིས་ ཚོང་མགྲོན་པ་དེ་ཚུ་ལུ་ཞབས་ཏོག་ཕུལ་ནི་དབང་ཆ་སྤྲོད་ནིའི་ཁྱད་ཕན་ཡོདཔ་ཨིནམ་ལས་ ད་རེས་ མཁས་རིག་ལག་རྩལ་མཐུན་དང་འཛུལ་བཞུགས་འབད་དེ་ ཁྱད་འཕགས་ཀྱི་ཞབས་ཏོག་དང་ ཕན་ཚུན་ རྒྱབ་སྐྱོར་འབད་དེ་ ཞབས་ཏོག་མཐུད་འབྲེལ་དང་ཚོང་ལམ་བཟོ་ནི་ཁྱད་ཕན་ཡོདཔ་ཨིན།

WhatsApp Imsssage 2025-02-15 at 04.50.20.jpeg
WhatsApp Image 2025-02-15 at 04.50.49.jpeg

ང་བཅས་ཀྱི་ཞབས་ཏོག།

ཡུན་བརྟན་གྱི་ལས་གཞི།

C4SW གིས་ ལཱ་སྦོམ་ཅིག་འབད་ཡི། ང་གིས་མནོ་མི་ནང་ ལཱ་གཡོག་གི་དོན་ལུ་རྐྱངམ་ཅིག་མེན་པར་ གཅིག་མཐུན་སྦེ་ལོང་སྟེ་ འབྲུག་རྒྱལ་ཁབ་འདི་ ཨང་དང་པ་ལུ་བཞག་ནིའི་དོན་ལུ་ཨིནམ་སྦེ་མནོཝ་མས།

Tshering, Paro

ང་བཅས་ཀྱིས་ ཡུན་རིངམོ་སྦེ་ བསྒུག་སྡོད་མི་ C4SW གི་གཞི་རྩ་ཚུ་ཨིན། མ་འོངས་པ་འོད་སྟོང་འབར་བའི་དོན་ལུ་ C4SW ལུ་རྒྱབ་སྐྱོར་འབད་གེ།

Dorji, Thimphu

གོང་ཚད་འོས་འབབ་ཅན་དང་ དུས་ཚོད་དང་བསྟུན་པའི་ཞབས་ཏོག་ དེ་ལས་ འགན་ལེན་དུས་ཡུན་ཚུ་དང་གཅིག་ཁར་ ང་གིས་ ངེ་གི་ལཱ་ཚུ་ C4SW ལུ་ གན་རྒྱ་བཟོ་ནི་ལུ་ ངེས་གཏན་ཡོདཔ་སྦེ་ མནོཝ་མས།

Pema Dorji

འདི་ཡང་ ལས་མི་ལས་ཁུངས་ཀྱིས་ ཆུ་གཡུར་དང་ གློག་མེ་བཟོ་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ཐབས་ཤེས་བཏོན་པའི་ཧེ་མ་ ང་བཅས་རའི་ རིག་རྩལ་དང་འབྲེལ་བའི་ ལཱ་གཡོག་ཚུ་ ངོ་མ་རང་ མ་ཐོབ་པར་ སྤྲོ་བ་མེདཔ་འགྱོ་སྟེ་ སེམས་ཤུགས་མེདཔ་འགྱོ་དོ་ཡོདཔ་ཨིན་པས། ང་བཅས་ཀྱིས་ ལས་ཁུངས་ཀྱིས་ རྒྱབ་སྐྱོར་དང་ རིག་རྩལ་ཅན་གྱི་མི་ ཊི་བི་ཨི་ཊི་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་དང་ རང་གིས་རང་ སློབ་སྟོན་འབད་མི་ རིག་རྩལ་ཅན་གྱི་ལས་བྱེདཔ་ཚུ་ལུ་ ཁག་ཆེ་ཧིང་ངོས་འཛིན་འབད་མི་ལུ་ བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན།

Nima Dorji, Plumber and Member, Wangdue

འདི་ཡང་ ང་བཅས་རའི་ འཕྲལ་མགྱོགས་རང་ ཉམས་བཅོས་འབད་དགོཔ་ཐོན་པའི་སྐབས་ C4SW འདི་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགསཔ་ཨིནམ་མ་ཚད་ ཁོང་གི་ འགན་ལེན་དུས་ཡུན་འདི་ ང་བཅས་ལུ་ ཁེ་འབབ་ཅིག་ཨིན།

Suk Bdr, Dagana

འདི་ཡང་ ང་བཅས་རའི་ འཕྲལ་མགྱོགས་རང་ ཉམས་བཅོས་འབད་དགོཔ་ཐོན་པའི་སྐབས་ C4SW འདི་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགསཔ་ཨིནམ་མ་ཚད་ ཁོང་གི་ འགན་ལེན་དུས་ཡུན་འདི་ ང་བཅས་ལུ་ ཁེ་འབབ་ཅིག་ཨིན།

Suk Bdr, Dagana

ཚོང་མགྲོན་པའི་བདེན་དཔང་ཚུ།

C4SW NEWS 

No posts published in this language yet
Once posts are published, you’ll see them here.

DRUK C4SW VIDEOS

DSC02665.JPG
WhatsApp Image 2025-11-18 at 13.00.12.jpeg
578243394_1237963761695861_1010312720222796783_n.jpg
WhatsApp Image 2025-11-19 at 17.39.21.jpeg
WhatsApp Image 2025-11jjjj-19 at 17.39.22.jpeg

མཁས་རིག་ལག་རྩལ་མཐུན་ཚོགས་འཐུས་མི་ཚུ་གིས་ ལས་འགུལ།་(༢༠༢༤-༢༠༢༥)

༡༠༠+

ལས༌འགུལ༌འབད་བའི་བསྒང་།

༧༥+

ལས་འགུལ་ཚུ་གྲུབ་ཡོདཔ།

ས་ཡ་ ༥༥ +

རིན་ཐང་ཅན་གྱི་ལཱ་མཇུག་བསྡུ་ཡོདཔ།

༥༠༠ +

ལཱ་འབད་མི་ཚུ་ འབྲེལ་གཏོགས་འབད་ཡོདཔ།

WhaggtsApp Image 2025-02-15 at 03.36.01.jpeg
Electricianat 18_edited.jpg
WhatsApp Image 2024-11-14 at 12_edited.jpg
ugyenat 18_edited_edited.png
WhatsAppbbv Image 2025-02-15 at 03.36.00.jpeg
WhatsApp Image 2025-02-15 at 03.35.57.jpeg

མཁས་རིག་ལག་རྩལ་མཐུན་ཚོགས་ཀྱི་སྐོར།།

ང་བཅས་ཀྱིས་ ཉེན་སྲུང་དང་ ལས་འགུལ་དྲག་ཤོས་ཚུ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ ཁྱད་རིག་ཅན་གྱི་ཐབས་ཤེས་ཚུ་ འཕུལཝ་ཨིན།

མཐུན་ཚོགས་ཀྱི་སྐོར།

བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་གི་ ལས་མི་ལས་ཁུངས་ཀྱིས་ འགོ་འདྲེན་ཐོ་ ང་བཅས་ཀྱིས་ ཉེན་སྲུང་དང་ཁྱད་འཕགས་ཀྱི་ཞབས་ཏོག་གི་དོན་ལུ་ མཁས་རིག་གི་ཐབས་ཤེས་སྤྲོདཔ་ཨིནམ་དང་ མཁས་རིག་ལག་རྩལ་མཐུན་ཚོགས་ཀྱིས་ མི་སྡེའི་ ཆུ་དུང་བཅོ་མི་དང་གློག་མེ་བཅོ་མི་རྩིས་ཏེ་ ཡོངས་བསྡོམས་ ༡༩༠ དེ་ཅིག་ ངོ་སྦྱོར་འབད་ཡོད་མི་ འཐུས་མི་ཡོདཔ་མ་ཚད་ འཐུས་མི་ གྱངས་ཁ་འདི་ཡར་སེང་འགྱོ་བའི་སྒང་ཡོདཔ་ཨིན།

མཁས་རིག་ལག་རྩལ་མཐུན་ཚོགས་ཀྱིས་ ལག་རྩལ་མཁས་རིག་ཅན་གྱི་ལས་མི་དང་ བཟོ་རིག་སྦྱོང་བརྡར་སྤེལ་ཁང་ནང་ལས་ མཐར་འཁྱོལ་ཡོད་མི་སྦྱོང་བརྡར་པ་ དེ་ལས་ སྒེར་གྱི་ཐོག་ལས་ལྷབ་སྦྱང་འབད་ཡོད་མི་ལས་མི་དེ་ཚུ་དང་ དུས་ཐུང་གི་སྦྱོང་བརྡར་ནང་ སྦྱོང་བརྡར་འབད་ཡོད་མི་དེ་ཚུ་ གཞན་ཡང་ རང་རྐྱང་གི་ཐོག་ལས་ཚོང་ལཱ་འབད་དེ་སྡོད་མི་དེ་ཚུ་ལུ་ ལྷན་ཁག་དེ་ཚུ་དང་ ཚོང་མགྲོན་པ་ཁག་མ་འདྲཝ་དེ་ཚུ་ལུ་ འབྲེལ་མཐུན་འབད་ཐབས་ལུ་ སྒྲིག་བཀོད་ཅན་གྱི་ གོ་སྐབས་སྤྲོདཔ་ཨིན།

ལག་རྩལ་ཅན་གྱི་ལས་མི་དེ་ཚུ་ལུ་ ང་བཅས་ཀྱིས་ ལཱ་གི་གོ་སྐབས་དང་ མཁས་རིག་ཡར་དྲགས་བཏང་ནི་ དེ་ལས་ ལས་མི་མཉམ་རོགས་དེ་ཚུ་དང་གཅིག་ཁར་ ལཱ་གཡོག་གི་མཐུན་ལམ་བཟོ་ནི་དང་ སྤུད་ཚད་ཅན་གྱི་ལཱ་ ངོས་འཛིན་འབདཝ་ཨིན། དེ་མ་ཚད་ ཚོང་མགྲོན་པ་དེ་ཚུ་ལུ་ ང་བཅས་ཀྱིས་ ལཱ་གི་སྤུད་ཚད་དང་གཅིག་ཁར་ ལཱ་གི་གོང་ཚད་དྲང་སྙོན་ཅན་གྱི་ གོང་ཚད་བཟོ་ནི་དང་ དེ་ལས་ འགན་འཁྲི་དང་ ཚད་ལྡན་གྱི་སྤུད་ཚད་ ངེས་བརྟན་བཟོཝ་ཨིན།

ད་ལྟོ་ མཁས་རིག་ལག་རྩལ་མཐུན་ཚོགས་ཀྱིས་ ཆུ་དུང་བཅོ་མི་དང་ གློག་མེ་བཅོ་མི་ གཉིས་ལུ་ གཙོ་བོ་སྟོནམ་ཨིན་རུང་ རིམ་གྱིས་སྦེ་ ལཱ་གཡོག་དང་ལག་རྩལ་གཞན་དེ་ཚུ་ལུ་ རྒྱ་སྐྱེད་འབད་ནི་འཆར་གཞི་ཡོདཔ་ཨིནམ་མ་ཚད་ ང་བཅས་ཀྱི་རེ་དོན་འདི་ ལཱ་གཡོག་མེད་པའི་དཀའ་ངལ་བསེལ་ཏེ་ ན་གཞོན་དང་ ལག་རྩལ་ཅན་གྱི་ལས་མི་གོངམ་དེ་ཚུ་ལུ་ རྒྱབ་སྐྱོར་འབད་དེ་ དཔལ་འབྱོར་ཡར་དྲགས་བཏང་ནི་དང་ བློ་གཏད་དང་མཁས་རིག་གི་ཐོག་ལུ་ མཐུན་ལམ་བཟོ་སྟེ་ ང་བཅས་ཀྱིས་ ལཱ་གཡོག་གོ་སྐབས་ སྦོམ་དང་ཆུང་ཀུ་ག་ཅིག་ཨིན་རུང་ ཁྱད་འཕགས་ཀྱི་ཐོག་ལས་འབད་ནི་ཨིན།

c4sw

འབྲུག་པའི་ལས་མིའི་སྟོབས་ཤུགས་སྒྲིང་སྒྲིང་བཟོ་ནིའི་དམིགས་པ།

Community for Skilled Workers (C4SW)
མཁས་རིག་ལག་རྩལ་མཐུན་ཚོགས།

འབྲུག་པའི་ལས་མིའི་སྟོབས་ཤུགས་སྒྲིང་སྒྲིང་བཟོ་ནིའི་དམིགས་པ།

CEP Logo (11).png
bottom of page